中文  |   ENGLISH
 
 
 
དེ་རིང་དོ་སྣང་།: བོད་སྐད་རླུང་འཕྲིན། རེས་གཟའ་ལྷག་པའི་ཆུ་ཚོད་༡༦ཐོག་གི་སྲིད་གཞུང་དང་ལས་རིགས་ཀྱི་སྤྱོད་ཚུལ་སྐོར་གྱི་ཐད་སྦྲེལ་ཁ་པར་ལེ་ཚན།     
CHINA TIBET RADIO
 
མཚམས་སྦྱོར་སྣོན་བཞིན་ཡོད།...
 
 
 
མ་ངོས། > བོད་ཀྱི་རིག་གནས། > བོད་ལུགས་གསོ་རིག > འཕགས་ཡུལ་གྱི་གསོ་རིག་གཞུང་ལུགས་བོད་དུ་དར་བ་དང་། བཙན་པོའི་བླ་སྨན་འཛུགས་སྲོལ་སྐོར།
འཕགས་ཡུལ་གྱི་གསོ་རིག་གཞུང་ལུགས་བོད་དུ་དར་བ་དང་། བཙན་པོའི་བླ་སྨན་འཛུགས་སྲོལ་སྐོར།
--བོད་ལྗོངས་རླུང་འཕྲིན།
2009-4-21 21:05:55

ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་གསོ་བ་རིག་པ་ཁྱད་དུ་འཕགས་པའི་བི་བྱི་དགའ་བྱེད་དང་བི་ལྷ་དགའ་མཛེས་(ཁོང་གཉིས་ཆུང་གྲོགས་ཡིན་ཟེར་)རྣམ་གཉིས་རྒྱ་གར་རྡོ་རྗེ་གདན་ནས་བོད་དུ་ཕེབས་ཏེ་ཡུལ་གྲུ་གང་སར་ཞབས་བཅགས་ནད་པ་མང་པོར་སྨན་བཅོས་གང་ལེགས་མཛད་སྨན་པ་གཉིས་ཀྱིས་བོད་དུ་གསོ་བ་རིག་པའི་བསྟན་པ་སྤེལ་བས་སྙན་པའི་མཚན་བཟང་གང་སར་ཁྱབ་དུས་དེར་སྨན་པ་རྣམ་གཉིས་ཀྱི་མཛད་བཟང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྙན་དུ་གསོལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་ཕོ་བྲང་ཡུམ་བུ་གླ་སྒང་དུ་གདན་དྲངས་བསྙེན་བཀུར་ཞབས་ཏོག་གང་ལེགས་མཛད་དེ་བཙན་པོའི་སྲས་མོ་ཡིད་ཀྱི་རོལ་ཆ་སྨན་པ་བི་བྱི་དགའ་བྱེད་ཀྱི་བཙུན་མོར་མངའ་གསོལ་དེ་ནས་སྨན་པ་བི་བྱི་དགའ་བྱེད་ཀྱང་ཐུགས་ཤིན་ཏུ་མཉེས་ནས་ལོ་སྐོར་གཉིས་ཏེ་མི་ལོ་ཉི་ཤུ་རྩ་བཞི་ཙམ་བོད་དུ་བཞུགས་སྲས་མོ་དང་ལྷན་དུ་བཤོས་པ་ལས་སྨན་པ་དུང་གི་ཐོར་ཅོག་འཁྲུངས་གདུང་སྲས་དེ་སྐུ་ན་སོན་པའི་དུས་ལ་སྨན་པ་གཉིས་ཀྱིས་རེག་པ་རྩ་ཡི་མདོ་དང་འཚོ་བ་ཟས་ཀྱི་མདོ་སྦྱོར་བ་སྨན་གྱི་མདོ་གཏར་བསྲེག་དཔྱད་ཀྱི་མདོ་རྨ་ཆས་བཟོའི་མདོ་སོགས་མདོ་ལྔ་དང་གཞན་ཡང་རྩ་འགྲེལ་འགྲེལ་བཤད་ཁོག་དབུགས་ས་བཅད་ལག་ལེན་དང་བཅས་གནང་དེ་ནས་སྨན་པ་དུང་གི་ཐོར་ཅོག་གིས་ཡབ་ཀྱི་གསོ་བ་རིག་པའི་གདམས་ངག་གཞུང་ལུགས་དང་གངས་ཅན་ཡུལ་གྱི་ཞང་ཞུང་གི་གསོ་བ་རིག་པའི་གཞུང་ལུགས་ཟུང་དུ་འབྲེལ་ཏེ་བོད་ཀྱི་གསོ་རིག་བསྟན་པ་དར་ཞིང་རྒྱས་པར་སྤེལ་མཁས་པའི་ཡང་རྩེར་སོན་ཏེ་མཚན་བཟང་བ་དན་གཡོ་བ་ལྟར་འཇིག་རྟེན་ན་གྲགས་ཆེ་བར་གྱུར་ཏེ་ལྷ་ཐོ་ཐོ་རི་གཉན་བཙན་དང་སྲས་ཁྲི་གཉན་གཟུངས་བཙན་གཉིས་ཀའི་བླ་སྨན་པ་མཛད་བོད་ཀྱི་བཙན་པོར་བླ་སྨན་པ་འཛུགས་པའི་སྲོལ་བཏོད་རྒྱལ་པོ་ཁྲི་གཉན་གཟུངས་བཙན་ནས་རྗེ་དཔལ་འཁོར་བཙན་ཡན་གྱི་བཙན་པོ་རིམ་བྱོན་གྱི་བླ་སྨན་པ་དུང་གི་ཐོར་ཅོག་གི་སྲས་བརྒྱུད་རྣམས་ཀྱིས་མཛད།

  
 
  རྩོམ་ཡིག་དེ་གཟིགས་གྲུབ་འདུག:(1002
 
 
གསུང་འཇོག་ས།
ཐོ་མིང་།
ཁ་བྱང་།
ནང་དོན།
       
ཡིད་གཟབ་གནང་རྒྱུ།:
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་བཞིན་དྲ་བའི་དོ་དམ་གཏན་འབེབ་བཅས་སྲུང་བརྩི་ཞུ་དགོས།
དྲ་ཐོག་ཀུན་སྤྱོད་སྲུང་དགོས། ཉིད་ཀྱིས་རྐྱེན་པས་ཐད་ཞོར་གཉིས་སུ་ཐོན་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཚང་མ་རང་འཁུར་བྱེད་དགོས།
ཐོ་མིང་དང་གཏམ་འཇོག་བྱས་ཚད་ལ་ངེད་དྲ་བར་དོ་དམ་བྱེད་དབང་ཡོད།
ངེད་དྲ་བའི་དཔྱད་གླེང་དོ་དམ་མི་སྣར་གཏམ་འཇོག་བྱས་པའི་ཁྲོད་ཀྱི་ནང་དོན་གང་རུང་བསུབ་ཉར་བྱེད་དབང་ཡོད།
 
 
ས་གནས།   བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡   སྦྲག་ཨང་༨༥༠༠༠༠
དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།   ༠༨༩༡--༦༨༣༧༥༤༣  གློག་རྡུལ་སྦྲག་སྐུར། tibetradio@tibetradio.cn
གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།   ༠༨༩༡--༦༨༢༧༩༡༠
བལྟ་སྐུལ་སྦྲག་སྐུར།   xzzbs2003@yahoo.com.cn
འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་
སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།

藏ICP备09000396号
E-Mail